ནང་ལ་ལོག་འགྲོ།
པོ་ཏ་ལ་ཡི་རྩེ་ནས་འཕྲོ་བའི་འོད་སྣང་དེ།
དེ་འདྲའི་བརྗིད་ཆགས་མཚར་སྡུན་པ་ལ།
གླིང་སྐོར་ཐད་མཁན་བགྲེས་སོང་ཁོང་གི་ཞལ་རས་ནས།
ལོ་མང་ཕྱིན་པའི་ལོ་རྒྱུས་ཡིད་ལ་འཁོར།
གངས་ཅན་གྱི་ལྗོངས་དེ་མཛེས་ཉམས་ལ།
བུ་ཆུང་ང་ཚོའི་སེམས་ནས་སྤོབས་པ་བྱེད།
འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ཀྱང་།
ནམ་ཡང་ཕ་ཡུལ་ཡིད་ལ་འཁོར།
དཀར་གཙང་མཇལ་དར་སེམས་ཀྱི་མཚོན་ཆེད་ཡིན།
ལེན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན།
ལ་ཀླུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག
ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག
ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོའི་མཛེས་ཉམས་ལ།
དེ་འདྲའི་དྭངས་གཙང་མཚར་སྡུག་ལྡན་པ་ལ།
ལེ་དབར་བརྒྱ་ཕྲག་རྐྱང་ཕྱག་འཚལ་ནས་ཕེབས་མཁན་ནི།
སེམས་བཟང་གངས་ལྟར་དཀར་བའི་བོད་མི་ཡིན།
ཡུལ་གྲུ་འདི་ལ་བཅངས་པའི་བརྩེ་སེམས་དེ།
ས་ཕྱོགས་གང་སའི་སྐྱེ་བོ་ཀུན་ལས་ལྷག
གཙང་བའི་ཁ་རླུང་རི་ཀླུང་ཀུན་ལ་ཁྱབ།
ལྷག་བསམ་ལྡན་པའི་བོད་མི་བཞུགས།
དཀར་གཙང་མཇལ་དར་སེམས་ཀྱི་མཚོན་ཆེད་ཡིན།
ལེན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན།
ལ་ཀླུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག
ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག
དཀར་གཙང་མཇལ་དར་སེམས་ཀྱི་མཚོན་ཆེད་ཡིན།
ལེན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན།
ལ་ཀླུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག
ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག